Posts

Showing posts from August, 2022
Image
  Night View of Paro Rinpung Dzong
                                ལགཔ་འཁྱུ་གེ་ཤོག།
Image
ཕམ་དྲན་པའི་རྩོམ། ༉ ཕར་གྱི་སྤང་གཤོང་ནང་ལུ། །ཤ་ཝ་ཕོ་མོ་གཉིས་དང་། །ཧིང་ལས་གཅེས་པའི་གཅེས་ཕྲུག །དགའ་སྐྱིད་ངང་ལུ་མཐོངམ་ད། །རང་གི་དྲིན་ཅན་ཕ་མའི། །ཆུང་ཚེ་རྐང་ཐང་དྲངས་ཏེ། །སྦོམ་ཚེ་མི་གྲས་བཙུགས་རུང་། །སྡོད་ས་འཁྱམས་ས་སོ་སོ། །ཕམ་ལུ་ཕྱག་དང་ཞབས་ཏོག །བརྩི་བཀུར་དག་སྣང་བསྐྱེད་ནིའི། །བསམ་པ་བརྒྱ་སྦེ་ཡོད་ཀྱང་། །རྐྱེན་ངན་ལ་ལུང་ཕོག་སྟེ། །ལན་ཅིག་ཕྱད་བའི་རང་དབང་། །མཉམ་ཆུང་རང་ལུ་མེདཔ་ལས། །ཕ་མ་དྲན་ཏེ་སྦེ་རུང་། །མཇལ་བའི་རང་དབང་མེད་པར། །སྤྲང་པོ་ཧིང་ལས་འཁྲུལ་དོ། ། 😢😢😢  
Image
  ང་བཅས་ར་འབྲུག་པའི་ཨ་ལོ་ཆུང་ཀུ་ཚུ་གི་དོན་ལུ་ཨིན། རྫོང་ཁ་ལྷབ་གེ་ལོ།
Image
ང་བཅས་ར་ག་ར་འབད་རུང་ རང་གི་གཟུགས་འདི་ནད་གཞི་ལས་བཀག་སྟེ་ སྒྲིང་སྒྲིང་སྦེ་བཞག་དགོཔ་འདྲཝ་ཅིག་འབད་བ་ཅིན་ ཐབས་ལམ་ ཡང་ན་ ཐབས་ཤེས་གཅིག་འདི་ འཛམ་གླིང་རྒྱལ་ཁབ་ག་ར་ནང་ལུ་ཡོངས་གྲགས་དང་ མིང་གཏམ་ཅན་ཅིག་ཨིན་མི་ རྐང་རྩེད་ཕུཊ་སྦོལ་ཨིནམ་ག་ར་གིས་མཁྱེན། ང་གིས་ཡང་མ་པ་རྐང་རྩེད་ རྩེད་ཤེས་ག་ཟེར་བ་ཅིན་ ལེགས་ཤོམ་མི་ཤེས། ཨིན་རུང་ རྐང་རྩེད་ལེགས་ཤོམ་སྦེ་རྩེད་མ་ཤེས་ཏེ་སྦེ་རུང་ རྩེད་ཐང་ནང་ཡང་བརྒྱུག་མར་བརྒྱུག་འབད་བའི་བསྒང་ལས་ རང་གི་རྒྱུད་ལུ་ལུང་སྦྱོང་ལོག་སུ་བཀར་ཏེ་འབད་དགོཔ་ཅིག་མི་འདུག་ཟེར་མནོ་བསམ་བཏང་ཞིནམ་ལས་བཅའ་མར་གཏོགས་གཏོགས་ཨིན་ཟེར་ཞུ་ནི་ཨིན།  
  རང་གི་སྐོར་ལས། མིང་ ཚེ་རིང་རྡོ་རྗེ། གཡུས་ དག རྒེད་འོག་སི་ལམ་སྦི། དྲུང་ཁག་ ཝི་རིང་ལ། རྫོང་ཁག་ མོང་སྒར། ཤེས་ཡོན་སྦྱང་ས་ སྤ་རོ་ཤེས་རིག་མཐོ་རིམ་སླབ་གྲྭ། ལོ་ངོ་ གསུམ་པ། སློབ་དུས་ ལྔ་པ།