རང་མ་འོངས་པ་ལུ་ སློབ་ཕྲུག་ཚུ་གིས་མུན་པ་སེལ་བའི་ཟླཝ་བཟུམ་ཅིག་ཨིནམ་ལས་ སློབ་དཔོན་འབདཝ་ད་ལུ་ཡང་ ལཱ་འབད་དགོཔ་དང་བཅའ་སྒྲིག་རྐྱབ་དགོཔ་ལེ་ཤ་འདུག དཔེར་ན་ ཨ་ལོ་ཚུ་ལུ་དཔེ་ཆ་སྟོན་ནི། ཨ་ལོ་ཚུ་གི་གྲུབ་འབྲས་བལྟ་ནི་གི་དོན་ལུ་ དྲི་ཤོག་བཟོ་ནི། དེ་ལས་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ ལ་སོགས་པ་ཚུ་བཟོ་དགོཔ་ལས་ དུས་དང་ཕུག་གི་དུས་ལུ་བཟུམ་སྦེ་ ཤོག་གུ་དཀར་པོའི་གུར་ ལགཔ་གི་འབད་དབྲི་མི་བཏུབ་པས། དེ་ཡང་ རྒྱལ་ཁབ་འདི་ དེང་སང་གི་འགྱུར་བ་དང་བསྟུན་ཏེ་ འཕྲུལ་ཆས་འདྲ་མིན་སྣ་ཚོགས་ཐོན་ཏེ་འདུག དེ་འབདཝ་ལས་ ད་རེས་ཀྱི་སློབ་སྟོན་འདི་ནང་ སློབ་དཔནོ་མཆོག་གིས་ ང་བཅས་ལུ་ (data collection) འབད་ཐངས་སྟོན་གནང་མི་འདི་གིས་ ཤུལ་ལས་སློབ་གྲྭ་ནང་ལྷོདཔ་ད་ ཨ་ལོ་ཚུ་གི་གནས་ཚུལ་དང་ ངནས་སྡུད་སྤེལ་ནི་དང་ སློབ་སྟོན་འབད་ནི་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་བྱུང་ནི་ཨིན་མས་ལགས། ICT as constructive tool ནང་ལས་ ཤུལ་ལས་སློབ་སྟོན་པ་འབདཝ་ད་ རང་གི་སྟོན་ནི་ཨིན་མི་དོན་ཚན་དང་འཁྲིལ་ཏེ་ ཐབས་ཤེས་གསརཔ་ལག་ལེན་འཐབ་སྟེ་ སློབ་སྟཽན་འབད་ཚུགས། དེ་ཡང་དཔེར་ན་ སློབ་དཔོན་གཡིས་ ང་བཅས་ལུ་ འཇའ་ཚོན་གྱི་ཐོག་ཁར་ ཚོན་སྣ་བདུན་སྟོན་ནི་ཐབས་ལམ་སྟོན་གནང་དོ་བཟུམ་ར་ཨིན་ལགས།
Posts
- Get link
- X
- Other Apps
བསམ་ཞིབ། ༉ ང་གིས་འབད་བ་ཅིན་ བརྡ་དོན་བརྒྱུད་འབྲེལ་གྱི་མཁོ་ཆས་ (Communication Tool) ཟེར་མི་འདི་ ང་བཅས་ར་སློབ་ཁང་ནང་ དཔེ་ཆ་ལྷབ་པའི་སྐབས་དང་ལྷབ་སྟོན་འབད་བའི་སྐབས་ལུ་ སྔར་སྲོལ་ལམ་ལུགས་བཟུམ་སྦེ་མིན་པར་ རིག་པ་གསརཔ་གི་ཐོག་དང་ བརྡ་དོན་འཕྲུལ་རིག་ཐོག་ལས་ ལྷབ་སྟོན་འབད་མི་དང་ ཡོངས་འབྲེལ་ཐོག་ལས་ཕན་ཚུན་འབྲེལ་བ་ལེགས་ཤོམ་སྦེ་འཐབ་སྟེ་ བརྡ་དོན་སྤྲོད་ལེན་འབད་མི་ཅིག་སླབ་ཨིན་པས། ད་རེས་ནངས་པ་དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ ང་བཅས་ར་ནང་པ་ཆོས་དང་མཐུན་པའི་རྒྱལ་ཁབ་ནང་ལུ་ཡང་ སློབ་སྟོན་དང་ལྷབ་སྦྱང་འདི་འབད་བའི་སྐབས་ལུ་ ལཱ་ག་ཅི་ར་འབད་དགོ་རུང་ ག་དེ་སྦེ་ར་འབད་དགོ་རུང་ ག་ནི་བ་འཇམ་ཏོང་ཏོང་སྦེ་འབད་ཚུགས་ནི་གི་དོན་ལུ་དང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནིའི་དོན་ལུ་ རང་གི་རིག་པ་གིས་དཔྱད་དེ་ ཡོངས་འབྲེལ་རྣམ་པ་སྣ་ཚོགས་ལག་ལེན་འཐབ་ཐོག་ལས་ ལྷབ་སྦྱང་འབད་མི་ཚུ་ལྷབ་སྦྱང་འབད་ནི་ལུ་སྤྲོ་བ་བྱུང་ནི་དང་ སློབ་སྟོན་པ་རང་ལུ་ ལཱ་དང་སློབ་སྟོན་འདི་ འཇམ་ཏོང་ཏོ་འོང་ནི་ཨིན་པས། དེ་གི་ནང་ལས་ཡང་ ང་བཅས་ར་ག་ར་ལུ་ཕན་པ་བརྒྱ་ཆེ་ས་ལས་ཡོད་པའི་བརྡ་དོན་བརྒྱུད་འབྲེལ་གྱི་མཁོ་ཆས་ (Communicative Tool) ཟེར་མི་ཡོངས་འབྲེལ་ཐོག་ལས་ ལྷབ་སྟོན་འབད་ནི་འདི་ཐབས་ལམ་ཚུ་གི་ནང་ལས་དྲག་ཤོས
- Get link
- X
- Other Apps
ཕམ་དྲན་པའི་རྩོམ། ༉ ཕར་གྱི་སྤང་གཤོང་ནང་ལུ། །ཤ་ཝ་ཕོ་མོ་གཉིས་དང་། །ཧིང་ལས་གཅེས་པའི་གཅེས་ཕྲུག །དགའ་སྐྱིད་ངང་ལུ་མཐོངམ་ད། །རང་གི་དྲིན་ཅན་ཕ་མའི། །ཆུང་ཚེ་རྐང་ཐང་དྲངས་ཏེ། །སྦོམ་ཚེ་མི་གྲས་བཙུགས་རུང་། །སྡོད་ས་འཁྱམས་ས་སོ་སོ། །ཕམ་ལུ་ཕྱག་དང་ཞབས་ཏོག །བརྩི་བཀུར་དག་སྣང་བསྐྱེད་ནིའི། །བསམ་པ་བརྒྱ་སྦེ་ཡོད་ཀྱང་། །རྐྱེན་ངན་ལ་ལུང་ཕོག་སྟེ། །ལན་ཅིག་ཕྱད་བའི་རང་དབང་། །མཉམ་ཆུང་རང་ལུ་མེདཔ་ལས། །ཕ་མ་དྲན་ཏེ་སྦེ་རུང་། །མཇལ་བའི་རང་དབང་མེད་པར། །སྤྲང་པོ་ཧིང་ལས་འཁྲུལ་དོ། ། 😢😢😢