བསམ་ཞིབ།

༉ ང་གིས་འབད་བ་ཅིན་ བརྡ་དོན་བརྒྱུད་འབྲེལ་གྱི་མཁོ་ཆས་ (Communication Tool)  ཟེར་མི་འདི་ ང་བཅས་ར་སློབ་ཁང་ནང་ དཔེ་ཆ་ལྷབ་པའི་སྐབས་དང་ལྷབ་སྟོན་འབད་བའི་སྐབས་ལུ་ སྔར་སྲོལ་ལམ་ལུགས་བཟུམ་སྦེ་མིན་པར་ རིག་པ་གསརཔ་གི་ཐོག་དང་ བརྡ་དོན་འཕྲུལ་རིག་ཐོག་ལས་ ལྷབ་སྟོན་འབད་མི་དང་ ཡོངས་འབྲེལ་ཐོག་ལས་ཕན་ཚུན་འབྲེལ་བ་ལེགས་ཤོམ་སྦེ་འཐབ་སྟེ་ བརྡ་དོན་སྤྲོད་ལེན་འབད་མི་ཅིག་སླབ་ཨིན་པས།


ད་རེས་ནངས་པ་དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ ང་བཅས་ར་ནང་པ་ཆོས་དང་མཐུན་པའི་རྒྱལ་ཁབ་ནང་ལུ་ཡང་ སློབ་སྟོན་དང་ལྷབ་སྦྱང་འདི་འབད་བའི་སྐབས་ལུ་ ལཱ་ག་ཅི་ར་འབད་དགོ་རུང་ ག་དེ་སྦེ་ར་འབད་དགོ་རུང་ ག་ནི་བ་འཇམ་ཏོང་ཏོང་སྦེ་འབད་ཚུགས་ནི་གི་དོན་ལུ་དང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནིའི་དོན་ལུ་ རང་གི་རིག་པ་གིས་དཔྱད་དེ་ ཡོངས་འབྲེལ་རྣམ་པ་སྣ་ཚོགས་ལག་ལེན་འཐབ་ཐོག་ལས་ ལྷབ་སྦྱང་འབད་མི་ཚུ་ལྷབ་སྦྱང་འབད་ནི་ལུ་སྤྲོ་བ་བྱུང་ནི་དང་ སློབ་སྟོན་པ་རང་ལུ་ ལཱ་དང་སློབ་སྟོན་འདི་ འཇམ་ཏོང་ཏོ་འོང་ནི་ཨིན་པས། དེ་གི་ནང་ལས་ཡང་ ང་བཅས་ར་ག་ར་ལུ་ཕན་པ་བརྒྱ་ཆེ་ས་ལས་ཡོད་པའི་བརྡ་དོན་བརྒྱུད་འབྲེལ་གྱི་མཁོ་ཆས་  (Communicative Tool) ཟེར་མི་ཡོངས་འབྲེལ་ཐོག་ལས་ ལྷབ་སྟོན་འབད་ནི་འདི་ཐབས་ལམ་ཚུ་གི་ནང་ལས་དྲག་ཤོས་ཅིག་ཨིན་པས། 

Comments